设为首页 | 加入收藏 | 员工专区首页人文环保旅游合作社资质组织供求信息新闻动态信息中心创业历程
夏河县甘加乡藏域畜牧业专业合作社新闻动态站内新闻藏域资讯 藏域资讯首页 >> 新闻动态 >> 藏域资讯 >> 政策法规

中华人民共和国 农民专业合作社法 ( 汉藏文)

2014-06-02 17:32:05作者:牧人阅读次数:589打印返回
  标签:农民专业合作社  藏域  

 

༄༅།།ཞིང་པའི་ཆེད་ལས་མཉམ་ལས་ཁང་

སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་

རྒྱལ་ཁབ་ཀྱི་བཅའ་ཁྲིམས།

 

中华人民共和国

农民专业合作社法

 

 

(༢༠༠༦ལོའི་ཟླ་༡༠ཚེས་༣༡ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་

སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་

ཉེར་བཞི་པའི་ཐོག་གྲོས་འཆམ་བྱུང་།)

 

 

20061031日第十届全国人民代表大会常务委员会

第二十四次会议通过)

 

དཀར་ཆག

目  录

 

ལེའུ་དང་པོ།  སྤྱིའི་དོན་ཚན།

第一章 总  则

ལེའུ་གཉིས་པ།  གསར་འཛུགས་དང་ཐོ་འགོད་སྐོར།

第二章 设立和登记

ལེའུ་གསུམ་པ།  ཁོངས་མིའི་སྒོར།

第三章 成  员

  ལེའུ་བཞི་པ།  རྩ་འཛུགས་སྒྲིག་གཞིའི་སྐོར།

第四章 组织机构

ལེའུ་ལྔ་པ།   ནོར་དོན་དོ་དམ་སྐོར།

第五章 财务管理

ལེའུ་དྲུག་པ།   ཟླ་སྒྲིལ་དང་།   ལོགས་འཛུགས།   ཁ་གཏོར།  

                   ཞིབ་རྩིས་རྒྱག་པ་བཅས་ཀྱི་སྐོར།

第六章 合并、分立、解散和清算

ལེའུ་བདུན་པ།   རོགས་སྐྱོར་སྲིད་ཇུས་སྐོར།

第七章 扶持政策

ལེའུ་བརྒྱད་པ།   ཁྲིམས་འབྲེལ་ཁུར་འཁྲིའི་སྐོར།

第八章 法律责任

ལེའུ་དགུ་པ།   ཞར་བྱུང་དོན་ཚན།

第九章 附  则

 

ལེའུ་དང་པོ།  སྤྱིའི་དོན་ཚན།

第一章 总  则

དོན་ཚན་དང་པོ།  ཞིང་པའི་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་པ་དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་རྩ་འཛུགས་དང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ཞིང་པའི་ཆེད་ལས་མཉམ་ལས་ཁང་དང་དེའི་་ཁོངས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་་གོང་དུ་འཕེལ་བར་སྐུལ་སྤེལ་གཏོང་བ་བཅས་ཀྱི་ཆེད་དུ་བཅའ་ཁྲིམས་འདི་བཟོས་པ་ཡིན།

第一条 为了支持、引导农民专业合作社的发展,规范农民专业合作社的组织和行为,保护农民专业合作社及其成员的合法权益,促进农业和农村经济的发展,制定本法。

དོན་ཚན་གཉིས་པ། ཞིང་པའི་ཆེད་ལས་མཉམ་ལས་ཁང་ནི་གྲོང་གསེབ་ཀྱི་ཁྱིམ་དུད་ཀྱིས་འགན་གཙང་བླངས་ནས་གཉེར་སྐྱོང་བྱེད་པའི་རྨང་གཞིའི་ཐོག། རིགས་མཐུན་ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་མཁན་ནམ་ཡང་ན་རིགས་མཐུན་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་ཞབས་ཞུ་འདོན་སྤྲོད་བྱེད་མཁན་དང་བེད་སྤྱོད་བྱེདམཁན་རང་འདོད་ལྟར་མཉམ་འབྲེལ་བྱེད་པ་དང་། དམངས་གཙོས་དོ་དམ་བྱེད་པའི་ཕན་ཚུན་རོགས་རམ་གྱི་རང་བཞིན་ལྡན་པའི་དཔལ་འབྱོར་རྩ་འཛུགས་ཤིག་ཡིན།

第二条 农民专业合作社是在农村家庭承包经营基础上,同类农产品的生产经营者或者同类农业生产经营服务的提供者、利用者,自愿联合、民主管理的互助性经济组织。

ཞིང་པའི་ཆེདལས་མཉམ་ལས་ཁང་གིས་རང་གི་ཁོངས་མི་ཞབས་ཞུ་བྱ་ཡུལ་གཙོ་བོ་བྱེད་ཅིང་། ཞིང་ལས་ཐོན་སྐྱེད་རྒྱུ་ཆས་ཉོ་བ་དང་། ཞིང་ལས་ཐོན་རྫས་འཚོང་བ་དང་། ལས་སྣོན།  སྐྱེལ་འདྲེན།  གསོག་ཉར་བཅས་དང་། དེ་བཞིན་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་དང་འབྲེལ་ཡོད་ཀྱི་ལག་རྩལ་དང་ཆ་འཕྲིན་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱ་རྒྱ།

农民专业合作社以其成员为主要服务对象,提供农业生产资料的购买,农产品的销售、加工、运输、贮藏以及与农业生产经营有关的技术、信息等服务。

དོན་ཚན་གསུམ་པ།  ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་གཤམ་གསལ་རྩ་དོན་བརྩི་སྲུང་ཞུ་དགོས་པ་སྟེ།

第三条 农民专业合作社应当遵循下列原则:

(གཅིག)  ཁོངས་མི་ནི་ཞིང་པ་གཙོ་བོ་ཡིན་པ་དང་།

(一)成员以农民为主体;

(གཉིས།)  ཁོངས་མིར་ཞབས་ཞུ་བྱ་རྒྱུ་དམིགས་ཡུལ་དུ་བཟུང་སྟེ།  ཁོངས་མི་ཡོངས་ཀྱི་ཐུན་མོང་གི་ཁེ་ཕན་བརྩོན་གཉེར་བྱ་རྒྱུ།

(二)以服务成员为宗旨,谋求全体成员的共同利益;

(གསུམ།)  མཉམ་ལས་ཁང་ཁོངས་སུ་ཞུགས་རྒྱུ་རང་འདོད་དང་།  དེ་ཁོངས་ནས་ཕྱིར་འཐེན་རྒྱུ་རང་མོས་ཡིན་པ།

(三)入社自愿、退社自由;

(བཞི།)  ཁོངས་མིའི་གོ་བབ་འདྲ་མཉམ་ཡིན་ལ།  དམངས་གཙོའི་དོ་དམ་ལག་བསྟར་བྱ་རྒྱུ།

(四)成员地位平等,实行民主管理;

(ལྔ།) ཁེ་ལྷག་གཙོ་བོ་ཁོངས་མི་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ཉོ་ཚོང་གྲངས་ཚད་(དངུལ་གྲངས་)ཀྱི་བསྡུར་ཚད་ལྟར་ཕྱིར་སློག་བྱ་རྒྱུ་བཅས་ཡིན།

(五)盈余主要按照成员与农民专业合作社的交易量(额)比例返还。

དོན་ཚན་བཞི་པ།  ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་བཅའ་ཁྲིམས་འདི་གཞིར་བཟུང་སྟེ་ཐོ་འགོད་བྱས་ནས་ཁྲིམས་མིའི་ཐོབ་ཐང་འཐོབ་རྒྱུ།

第四条 农民专业合作社依照本法登记,取得法人资格。

ཞིང་པའི་ཆེད་ལས་མཉམ་ལས་ཁང་ལ་ཁོངས་མིས་མ་དངུལ་བཏང་བ་དང་།  སྤྱི་བསགས་མ་དངུལ།  རྒྱལ་ཁབ་ཀྱི་ནོར་སྲིད་ནས་ཐད་ཀར་གསབ་དངུལ་སྤྲད་པ།  མི་གཞན་གྱིས་སྐྱེས་སུ་ཕུལ་བ།  དེ་བཞིན་ཁྲིམས་མཐུན་ལྟར་ཐོབ་པའི་རྒྱུ་ནོར་གཞན་དག་བཅས་ཀྱིས་གྲུབ་པའི་རྒྱུ་ནོར་བདག་བཟུང་དང་།  བདེ་སྤྱོད།  ཐག་གཅོད་བཅས་བྱེད་དབང་ཡོད་པ་མ་ཟད།  གོང་བརྗོད་རྒྱུ་ནོར་གྱིས་བུ་ལོན་འཇལ་འགན་ཡང་འཁུར་རྒྱུ།

农民专业合作社对由成员出资、公积金、国家财政直接补助、他人捐赠以及合法取得的其他资产所形成的财产,享有占有、使用和处分的权利,并以上述财产对债务承担责任。

དོན་ཚན་ལྔ་པ།  ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ཁོངས་མིས་རང་གི་ཐོ་ཁོངས་ནང་བཀོད་པའི་མ་དངུལ་བཏང་འབོར་དང་སྤྱི་བསགས་མ་དངུལ་གྱི་ཐོབ་ཆའི་ཚད་བཀག་ལྟར་ཞིང་པའི་ཆེད་ལས་མཉམ་ལས་ཁང་ལ་འགན་འཁྲི་འཁུར་རྒྱུ།

 第五条 农民专业合作社成员以其账户内记载的出资额和公积金份额为限对农民专业合作社承担责任。

དོན་ཚན་དྲུག་པ།  རྒྱུལ་ཁབ་ཀྱིས་ཞིང་པའི་ཆེད་ལས་མཉམ་ལས་ཁང་དང་དེའི་ཁོངས་མིའི་ཁྲིམས་མཐུན་ཁེ་དབང་སྤུང་སྐྱོང་བྱ་རྒྱུ་དང་།  སྡེ་ཚན་དང་མི་སྒེར་གང་གིས་ཀྱང་གནོད་འཚེ་བཏང་མི་ཆོག།

第六条 国家保护农民专业合作社及其成员的合法权益,任何单位和个人不得侵犯。

དོན་ཚན་བདུན་པ།   ཞིང་པའི་ཆེདལས་མཉམ་ལས་ཁང་གིས་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་སྒོ་སྤེལ་སྐབས།  བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་བརྩི་སྲུང་དང་།  སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་དང་ཚོང་ལས་ཀྱི་ཀུན་སྤྱོད་ལ་བརྩི་སྲུང་ཞུས་ཏེ།  ཁ་དན་ཚིག་ལ་གནས་པ་བྱ་དགོས།

第七条 农民专业合作社从事生产经营活动,应当遵守法律、行政法规,遵守社会公德、商业道德,诚实守信。

  དོན་ཚན་བརྒྱད་པ།  རྒྱལ་ཁབ་ཀྱིས་ནོར་སྲིད་ཐད་ཀྱི་རྒྱབ་སྐྱོར་དང་།  ཁྲལ་བསྡུ་གཟིགས་སྐྱོང་།  དངུལ་རྩྭ་དང་།  ཚན་རྩལ་། ཤེས་ལྡན་མི་སྣའི་རོགས་སྐྱོར་དང་།  དེ་བཞིན་ཐོན་ལས་སྲིད་ཇུས་ཀྱི་ཁྲིད་སྟོན་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད་དེ།   ཞིང་པའི་ཆེད་ལས་མཉམ་ལས་ཁང་གོང་དུ་འཕེལ་བར་སྐུལ་སྤེལ་གཏོང་རྒྱུ།

 第八条 国家通过财政支持、税收优惠和金融、科技、人才的扶持以及产业政策引导等措施,促进农民专业合作社的发展。

རྒྱལ་ཁབ་ཀྱིས་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་སྟོབས་ཤུགས་ཀྱིས་ཞིང་པའི་ཆེད་ལས་མཉམ་ལས་ཁང་ལ་ཞབས་ཞུ་མཁོ་འདོན་བྱེད་པར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱ་རྒྱུ།

国家鼓励和支持社会各方面力量为农民专业合作社提供服务。

དོན་ཚན་དགུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་ཞིང་ལས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གཞན་དག་དང་།  འབྲེལ་ཡོད་རྩ་འཛུགས་བཅས་སྒྲིག་འཛུགས་བྱས་ཏེ།  བཅའ་ཁྲིམས་འདིའི་གཏན་འབེབས་ལྟར།  རང་སོ་སོའི་འགན་འཁྲི་གཞིར་བཟུང་སྟེ། ཞིང་པའི་ཆེད་ལས་མཉམ་ལས་ཁང་འཛུགས་སྐྲུན་དང་འཕེན་རྒྱུས་གཏོང་བར་མཛུབ་སྟོན་དང་།  རོགས་སྐྱོར།  ཞབས་ཞུ་བཅས་བྱ་དགོས།

第九条 县级以上各级人民政府应当组织农业行政主管部门和其他有关部门及有关组织,依照本法规定,依据各自职责,对农民专业合作社的建设和发展给予指导、扶持和服务。

 

ལེའུ་གཉིས་པ།   གསར་འཛུགས་དང་ཐོ་འགོད་སྐོར།

第二章 设立和登记

དོན་ཚན་བཅུ་པ།  ཞིང་པའི་ཆེད་ལས་མཉམམ་ལས་ཁང་གསར་འཛུགས་བྱེད་པར།  གཤམ་གསལ་ཆ་རྐྱེན་དག་འཛོམས་དགོས་པ་སྟེ།

第十条 设立农民专业合作社,应当具备下列条件:

(གཅིག)  བཅའ་ཁྲིམས་འདིའི་དོན་ཚན་བཅུ་བཞི་པ་དང་།  དོན་ཚན་བཅོ་ལྔ་པའི་གཏན་འབེབས་དང་མཐུན་པའི་ཁོངས་མི་ལྔ་ཡན་ཡོད་པ་དང་།

(一)有五名以上符合本法第十四条、第十五条规定的成员;

(གཉིས།)  བཅའ་ཁྲིམས་འདིའི་གཏན་འབེབས་དང་མཐུན་པའི་སྒྲིག་ཡིག་ཡོད་པ།

(二)有符合本法规定的章程;

(གསུམ།)  བཅའ་ཁྲིམས་འདིའི་གཏན་འབེབས་དང་མཐུན་པའི་རྩ་འཛུགས་སྒྲིག་གཞི་ཡོད་པ།

(三)有符合本法规定的组织机构;

(བཞི།)  བཅའ་ཁྲིམས་དང་།  སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་དང་མཐུན་པའི་མིང་དང་།  སྒྲིག་ཡིག་ནང་གཏན་ཁེལ་བྱས་པའི་སྡོད་གནས་ཡོད་པ།

(四)有符合法律、行政法规规定的名称和章程确定的住所;

(ལྔ།)  སྒྲིག་ཡིག་གི་གཏན་འབེབསདང་མཐུན་པའི་ཁོངས་མིས་མ་དངུལ་བཏང་རིགས་ཡོད་པ་བཅས་ཡིན།

(五)有符合章程规定的成员出资。

དོན་ཚན་བཅུ་གཅིག་པ།  ཞིང་པའི་ཆེད་ལས་མཉམ་ལས་ཁང་གསར་འཛུགས་བྱེད་པར་འཛུགས་མཁན་ཡོངས་རྫོགས་ཞུགས་པའི་གསར་འཛུགས་ཚོགས་ཆེན་སྐོང་འཚོགས་བྱ་དགོས།  གསར་འཛུགསབྱེད་སྐབས་རང་འདོད་ལྟར་མཉམ་ལས་ཁང་དེའི་ཁོངས་མི་བྱེད་འདོད་ཡོད་པའི་པའི་མི་ནི་འཛུགས་མཁན་ཡིན། 

第十一条 设立农民专业合作社应当召开由全体设立人参加的设立大会。设立时自愿成为该社成员的人为设立人。

གསར་འཛུགས་ཚོགས་ཆེན་གྱིས་གཤམ་གསལ་འགན་དབང་སྤྱོད་རྒྱུ་སྟེ།

设立大会行使下列职权:

(གཅིག)  མཉམ་ལས་ཁང་དེའི་སྒྲིག་ཡིག་ལ་གྲོས་འཆམ་བྱ་རྒྱུ་དང་།  སྒྲིག་ཡིག་ནི་འཛུགས་མཁན་ཡོངས་རྫོགས་ཀྱིས་གཅིག་མཐུན་ཐོག་གྲོས་འཆམ་བྱ་དགོས་པ་དང་།

(一)通过本社章程,章程应当由全体设立人一致通过;

(གཉིས།)  ལས་འཛིན་འགོ་གཙོ་དང་།  ལས་འཛིན་པ། ལག་བསྟར་ལྟ་ཞིབ་པའམ་ལྟ་ཞིབ་ཚོགས་པའི་ཁོངས་མི་བཅས་བདམས་ཐོན་བྱ་རྒྱུ།

(二)选举产生理事长、理事、执行监事或者监事会成员;

(གསུམ།)  དོན་དག་གལ་ཆེན་གཞན་དག་ལ་གྲོས་ཞིབ་བྱ་རྒྱུ་བཅས་ཡིན།

(三)审议其他重大事项。

དོན་ཚན་བཅུ་གཉིས་པ།  ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་སྒྲིག་ཡིག་ཏུ་གཤམ་གསལ་དོན་ཚན་དག་གསལ་འགོད་བྱ་དགོས་པ་སྟེ།

第十二条 农民专业合作社章程应当载明下列事项:

(གཅིག)  མིང་དང་ལྡོད་གནས་དང་།

(一)名称和住所;

(གཉིས།)  ལས་སྒོའི་ཁྱབ་ཁོངས།

(二)业务范围;

(གསུམ།)  ཁོངས་མིའི་ཐོབ་ཐང་དང་།  མཉམ་ལས་ཁང་དུ་ཞུགས་པ་དང་ཕྱིརའཐེནཔ།  མིང་བསུབས་པ།

(三)成员资格及入社、退社和除名;

(བཞི།)  ཁོངས་མིའི་ཁེ་དབང་དང་འོས་འགན།

(四)成员的权利和义务;

(ལྔ།)  རྩ་འཛུགས་སྒྲིག་གཞི་དང་དེ་ཐོན་ཐབས།  འགན་དབང་།  འགན་འཛིན།  ཡུན་ཚད།  དོན་གྲོས་བྱེད་སྲོལ།

(五)组织机构及其产生办法、职权、任期、议事规则;

(དྲུག།)  ཁོངས་མིའི་མ་དངུལ་གཏོང་སྟོངས་དང་།  མ་དངུལ་བཏང་འབོར།

(六)成员的出资方式、出资额;

(བདུན།)  ནོར་དོན་དོ་དམ་དང་ཁེ་ལྷག་བགོ་བཤའ།  གྱོང་གུད་ཐག་གཅོད། 

(七)财务管理和盈余分配、亏损处理;

(བརྒྱད།)  སྒྲིག་ཡིག་བཟོ་བཅོས་གོ་རིམ།

(八)章程修改程序;

(དགུ།)  ཁ་གཏོར་རྒྱུ་མཚན་དང་ཞིབ་རྩིས་རྒྱག་ཐབས།

(九)解散事由和清算办法;

(བཅུ།)  སྤྱི་བསྒྲགས་དོན་དག་དང་ཁྱབ་བསྒྲགས་བྱེད་སྟངས།

(十)公告事项及发布方式;

(བཅུ་གཅིག)  གཏན་འབེབས་བྱ་དགོས་པའི་དོན་དག་གཞན་དག་བཅས་ཡིན།

(十一)需要规定的其他事项。

དོན་ཚན་བཅུ་གསུམ་པ།  ཞིང་པའི་ཆེད་ལས་མཉམ་ལས་ཁང་གསར་འཛུགས་བྱེད་པར།  བཟོ་ཚོང་སྲིད་འཛོན་དོ་དམ་སྡེ་ཁག་ལ་གཤམ་གསལ་ཡིག་ཆ་ཕུལ་ནས།  གསར་འཛུགས་ཐོ་འགོད་རེ་ཞུ་བྱ་དགོས་པ་སྟེ།

第十三条 设立农民专业合作社,应当向工商行政管理部门提交下列文件,申请设立登记:

(གཅོག)  ཐོ་འགོད་ཞུ་ཡིག་དང་།

(一)登记申请书;

(གཉིས།)  འཛུགས་མཁན་ཡོངས་རྫོགས་ཀྱིས་མིང་རྟགས་བཀོད་ཅིང་ཐམ་ག་བརྒྱབ་པའི་གསར་འཛུགས་ཚོགས་ཆེན་གྱི་ཟིན་བྲིས་གནད་བསྡུས།

(二)全体设立人签名、盖章的设立大会纪要;

(གསུམ།)  འཛུགས་མཁན་ཡོངས་རྫོགས་ཀྱིས་མིང་རྟགས་བཀོད་ཅིང་ཐམ་ག་བརྒྱབ་པའི་སྒྲིག་ཡིག།

(三)全体设立人签名、盖章的章程;

(དཞི།)  ཁྲིམས་བཀོད་འཐུས་ཚབ་པ་དང་།  ལས་འཛིན་པའི་འགན་འཁུར་ཡིག་ཆ་དང་ཐོབ་ཐང་དཔང་ཡིག།

(四)法定代表人、理事的任职文件及身份证明;

(ལྔ།)  མ་དངུལ་གཏོང་མཁན་ཁོངས་མིས་མིང་རྟགས་བཀོད་ཅིང་ཐམ་ག་བརྒྱབ་པའི་མ་དངུལ་བཏང་བའི་ཞིབ་ཐོ།

(五)出资成员签名、盖章的出资清单;

(དྲུག།)  སྡོད་གནས་བེས་སྤྱོད་དཔང་ཡིག།

(六)住所使用证明;

(བདུན།)  བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱིས་གཏན་འབེབས་བྱས་པའི་ཡིག་ཆ་གཞན་དག་བཅས་ཡིན།

(七)法律、行政法规规定的其他文件。

ཐོ་འགོད་ལས་ཁུངས་ཀྱིས་ཐོ་འགོད་རེ་ཞུ་བདག་སྤྲོད་བྱས་ཉིན་ནས་བཟུང་གི་ཉིན་ཉི་ཤུའི་ནང་བསྒྲུབས་ཚར་བ་བྱས་ནས།  ཐོ་འགོད་ཆ་རྐྱེན་དང་མཐུན་པའི་རེ་ཞུ་བྱེད་མཁན་ལ་ལས་གཉེར་བྱས་འཐུས་ལག་ཁྱེར་སྤྲོད་དགོས། 

登记机关应当自受理登记申请之日起二十日内办理完毕,向符合登记条件的申请者颁发营业执照。

ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ཁྲིམས་བཀོད་ཐོ་འགོད་དོན་དག་བསྒྱུར་བཅོས་བྱ་དགོས་ན།  བསྒྱུར་བཅོས་ཀྱི་ཐོ་འགོད་རེ་ཞུ་བྱ་དགིས།

农民专业合作社法定登记事项变更的,应当申请变更登记。

ཞིང་པའི་ཆེད་ལས་མཉམ་ལས་ཁང་ཐོ་འགོད་བྱེད་ཐབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱ་རྒྱུ་དང་།  ཐོ་འགོད་སྒྲུབ་པར་གནརོན་དངུལ་བསྡུ་ལེན་བྱས་མི་ཆོག།

农民专业合作社登记办法由国务院规定。办理登记不得收取费用。

 

 

最新评论
发表评论
  • 登录名:    密码:    验证码: *    

版权所有:夏河县甘加乡藏域畜牧业专业合作社 津ICP备17003424号-1 技术支持:千乡万才科技(中国)有限公司